Skip to main content

Posts

Showing posts from September, 2017

The Marathon: Grandma's Story

ཐི་ལི་རྒྱལམོ་དང་ཆུ་ཆེན་གཉིས་ཀྱི་སྲུང། ཧེ་མ་་་ཐི་ལི་རྒྱལམོ་ སྐུ་རི་ཆུ་དང་ཌང་མེ་ཆུ་གསུམ་ ག་ནི་བ་ཉམས་དགའ་ཏོག་ཏོ་འབད་སྡོད་ཡོད་པའི་ཤུལ་ ཚར་གཅིག་འབདཝ་ད་  ཁོང་ཆུ་ཆེན་གཉིས་བང་རྒྱུག་འགྲན་བསྡུར་འབད་དེ་ རྒྱལ་ཕམ་ཕྱེ་ནི་འབད་བསྟུན་གྲོས་བྱུང་ནུག། དེ་ཚེས་བང་རྒྱུག་ མ་འབད་བའི་ཧེ་མ་ཁོང་རའི་ལྟོ་ཚང་ ཐི་ལི་རྒྱལམོ་ཡང་ བར་མི་འབད་བཙུགས་བཞིནམ་ལས་ ཁོང་ཆ་ཁྱབ་ དེའི་ནངས་པར་རང་ བང་རྒྱུག་རྐྱབ་ནི་འབད་ ཐག་གཅད་ནུག། Art by: Kinzang Namgay དེའི་ནངས་པ་ཧ་སག་ལས་ ཁོང་ཆུ་ཆེན་གཉིས་ བང་རྒྱུག་རྐྱབ་ནི་འགོ་བཙུགས་ཏེ་ ཐི་ལི་རྒྱལམོ་གི་ཡང་ གནམ་ཁ་འཕུར་ཏེ་ བལྟ་བའི ་ཚེ་ སྐུ་རི་ཆུ་དེ་ ག་ནི་བ་འུར་སྒྲ་དང་དཔྱེདཔ་འབད་ ཚ་ངེར་བཏོན་ཏེ་འགྱོ་སར་མཐོང་ནུག། དེ་ལས་ཐི་ལི་རྒྱལམོ་གི་ཌང་མེ་ཆུ་ འབད་སར་བལྟ་བ་སོངམ་ད་ ཆུ་དེ་བཀའ་ཁ་ལས་ འགོ་བཙུགས་ཏེ་ ལྷོད་བཏང་ འོང་སར་བལྟ་ཏེ་ ཐི་ལི་རྒྱལམོ་ དགོད་སྒྲ་སྡོད་པའི་བར་ སྐུ་རི་ཆུ་དེ་ ཆུ་འཛོམས་སར་ ལྷོད་སོང་ནུག། ཡུདཔ་ཐེངས་ཅིག་ལས་ ཌང་མེ་ཆུ་དང་ཐི་ལི་རྒྱལམོ་གཉིས་བློ་སླབ་སྟེ་འོང་སར་ མཐོང་བཞིནམ་ལས་ སྐུ་རི་ཆུ་ཁོ་ར་ དཔའ་ཁི་ཁི་འབད་  སྡོད་སར་ཅིག་རུང་ བར་ན་ཐི་ལི་རྒྱལམོ་གི་ བང་རྒྱུག་དེ་ དུས་ཚད་གཅིག་ཁར་ འགོ་མ་བཙུགས་