Skip to main content

Posts

Showing posts from November, 2019

NLCS's recent achievement- Efficient land governance towards better service delivery

རྒྱལ་ཡོངས་ས་ཆ་ལྷན་ཚོགས། འཇོན་དྲགས་ཅན་གྱི་ ས་ཆ་བདག་སྐྱོང་དང་འཛིན་སྐྱོང་འདི་ མཁོ་གལ་ཅན་ཅིག་ ཨིན་མི་དེ་ཡང་  ས་ཆ་དེ་བཟོ་གྲྭ་ཐོན་སྐྱེད་ཀྱི་དོན་ལུ་ ངེས་པར་མཁོ་བའི་ རྒྱུ་རྐྱེན་གཙོ་བོ་གཅིག་ཨིན་པའི་ཁར་ རྒྱབ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ཡང་ མེད་ཐབས་མེདཔ་ཅིག་ཨིན། ས་གཞི་འདི་ ང་བཅས་རའི་ རིན་ཆེན་ནོར་བུ་ཨིན། སྤྱིར་བཏང་མི་སེར་གྱི་ ཕན་བདེ་་དང་དགའ་སྐྱིད་ཡང་ ས་གཞི་འདི་ལས་བརྟེན་ཏེ་ བྱུངམ་ཨིན། ས་ཆ་རྒྱུན་སྐྱོང་ལམ་ལུགས་དང་ ཚད་ཅན་གྱི་ས་གཞི་ཚུ་ སྤུས་དག་སྦེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་རང་བཙན་ གནས་ཐབས་ལུ་ཡང་ཕན། རྒྱུ་མཚན་དེ་ལས་བརྟེན་ ས་དང་འབྲེལ་བའི་ཞབས་ཏོག་ཚུ་སྔར་བ་ལྷགཔ་སྦེ་ ཡར་འཕར་གཏང་འཐབ་ ལུ་ ས་ཆ་རིག་པའི་གནས་སྡུད་ཀྱི་གཞི་རྟེན་ གསརཔ་ཟོ་ནི་དང་ ཁྲིམས་ལྡན་བཀོད་ཁྲམ་ཚུ་ ད་ལྟོ་ཡོད་པའི་ ཁྲིམས་ལུགས་ཚུ་དང་འཁྲིལ་ རྩ་བརྟན་བཟོ་ནི་དང་ གཞན་ཡང་ ཐབས་ཤེས་དང་དམིགས་པ་ གལ་གནད་ཅན་གྱི་སླ་ལས་ དང་པ ས་ཆ་རིགས་པའི་བརྡ་དོན་སྲིད་བྱུས སྤྱི་ལོ་༢༠༡༨ ཅན་མ་འདི་ཨིན། སྲིད་བྱུས་དེ་ནང་ ས་ཆ་རིགས་པའི་བརྡ་དོན་ཚུ་ ངེས་པར་དུ་ཚང་དགོ། སྤྱིར་བཏང་ སྲིད་བྱུས