Skip to main content

NLCS's recent achievement- Efficient land governance towards better service delivery



རྒྱལ་ཡོངས་ས་ཆ་ལྷན་ཚོགས།


འཇོན་དྲགས་ཅན་གྱི་ ས་ཆ་བདག་སྐྱོང་དང་འཛིན་སྐྱོང་འདི་ མཁོ་གལ་ཅན་ཅིག་ ཨིན་མི་དེ་ཡང་ 
ས་ཆ་དེ་བཟོ་གྲྭ་ཐོན་སྐྱེད་ཀྱི་དོན་ལུ་ ངེས་པར་མཁོ་བའི་ རྒྱུ་རྐྱེན་གཙོ་བོ་གཅིག་ཨིན་པའི་ཁར་ རྒྱབ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ཡང་ མེད་ཐབས་མེདཔ་ཅིག་ཨིན། ས་གཞི་འདི་ ང་བཅས་རའི་ རིན་ཆེན་ནོར་བུ་ཨིན། སྤྱིར་བཏང་མི་སེར་གྱི་ ཕན་བདེ་་དང་དགའ་སྐྱིད་ཡང་ ས་གཞི་འདི་ལས་བརྟེན་ཏེ་ བྱུངམ་ཨིན། ས་ཆ་རྒྱུན་སྐྱོང་ལམ་ལུགས་དང་ ཚད་ཅན་གྱི་ས་གཞི་ཚུ་ སྤུས་དག་སྦེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་རང་བཙན་ གནས་ཐབས་ལུ་ཡང་ཕན།

རྒྱུ་མཚན་དེ་ལས་བརྟེན་ ས་དང་འབྲེལ་བའི་ཞབས་ཏོག་ཚུ་སྔར་བ་ལྷགཔ་སྦེ་ ཡར་འཕར་གཏང་འཐབ་
ལུ་ ས་ཆ་རིག་པའི་གནས་སྡུད་ཀྱི་གཞི་རྟེན་ གསརཔ་ཟོ་ནི་དང་ ཁྲིམས་ལྡན་བཀོད་ཁྲམ་ཚུ་ ད་ལྟོ་ཡོད་པའི་ ཁྲིམས་ལུགས་ཚུ་དང་འཁྲིལ་ རྩ་བརྟན་བཟོ་ནི་དང་ གཞན་ཡང་ ཐབས་ཤེས་དང་དམིགས་པ་ གལ་གནད་ཅན་གྱི་སླ་ལས་






















དང་པ

ས་ཆ་རིགས་པའི་བརྡ་དོན་སྲིད་བྱུས སྤྱི་ལོ་༢༠༡༨ ཅན་མ་འདི་ཨིན།

སྲིད་བྱུས་དེ་ནང་ ས་ཆ་རིགས་པའི་བརྡ་དོན་ཚུ་ ངེས་པར་དུ་ཚང་དགོ། སྤྱིར་བཏང་ སྲིད་བྱུས་དེ་གིས་ གཙུག་སྡེ་དང་ ཁྲིམས་མཐུན་གྱི་ གཞི་བཀོད་ཚུ་ གཞི་བཙུགས་འབད་ཞིནམ་ལས་ ས་ཆ་རིགས་པའི་བརྡ་དོན་ཚུ་ ཡུན་བརྟན་དང་ ཚུལ་མཐུན་འབད་ལག་ལེན་འཐབ་ནི་ལུ་རྒྱབ་སྐྱོར་འབད་དགོ། སྲིད་བྱུས་དེ་གིས་ ས་ཆ་རིགས་པའི་བརྡ་དོན་ཚུ་ སྔར་ག་ཨིནམ་སྦེ་བཞག་ནི་དང་ བརྡ་དོན་གསརཔ་འཚོལ་ནི་ ལག་ལེན་འཐབ་ནི་ དེ་ལས་ བརྗེ་སོར་འབད་ནིའི་ཐབས་རིགས་ཚུ་ཡར་དྲག་བཏང་དགོ། སྲིད་བྱུས་དེ་ སྤྱི་ལོ་༢༠༡༨་ སྤྱི་ཟླ་༧པའི་ནང་ འབྲེལ་ཡོད་ལས་སྡེ་ མང་རབས་ཅིག་དང་ གྲོས་བསྟུན་འབད་བའི་ཁར་ མཁས་རིག་གི་གྲོགས་རམ་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ཆ་འཇོགས་འབད་བའི་རྗེས་སུ་ ལྷན་རྒྱས་ཞུང་ཚོགས་ཀྱི་ ངོས་ལེན་མཛད་གནང་ཡི།

གཉིས་པ།

རྒྱལ་ཡོངས་ས་ཆ་འཆང་སྤྱོད་བཅད་མཚམས།

རྒྱལ་ཁབ་ནང་ལུ་ བཟའ་སྤྱོད་འབད་བཏུབ་པའི་ས་ཆ་ ཚད་ཅིག་ལས་མེད་རུང་ དེ་ཚུ་མཁོ་འདོད་བཀོད་མི་ དོ་འགྲན་ཅན་གྱི་ གཙུག་སྡེ་མ་འདྲཝ་ལེ་ཤ་མཐོན་དོ་ཡོདཔ་ལས་ རྒྱལ་ཡོངས་ས་ཆ་འཆང་སྤྱོད་བཅད་མཚམས་དེ་ འཕྲལ་རང་ དགོས་མཁོ་ཆེ་བས། རྒྱལ་ཡོངས་ས་ཆ་འཆང་སྤྱོད་བཅད་མཚམས་དེ་གིས་ ཚན་རིག་གི་ཐབས་ལམ་ཚུ་ དང་ལེན་འབད་ཐོག་ལས་ ས་ཆ་བཟའ་སྤྱོད་གཅིག་མཚུངས་བཟོ་ཐབས་དང་ ས་ཆ་རིགས་པའི་བརྡ་དོན་གནས་སྡུད་ཀྱི་གཞི་བསྟོན་གསརཔ་བཟོ་ནི་ལུ་ཕན་པའི་ཁར་ གྲོས་ཆོད་བཏོན་ནའི་བྱ་རིམ་ཚུ་ནང་ཡང་ལྷན་ཐབས་འབདཝ་ཨིན།
རྒྱལ་ཡོངས་ས་ཆ་འཆང་སྤྱོད་ཅད་མཚམས་ལག་ལེན་ལམ་སྟོན་ སྤྱི་ལོ་༢༠༡༨ཅན་མ་འདི་ ལས་སྡེ་ཁག་

མ་འདྲཝ་ཚུ་ལས་ ཐབས་རིག་ཅན་གྱི་ མཁས་མཆོག་སྡེ་ཚན་ཚུ་གིས་ གསལ་བརྗོད་འབད་བའི་ཤུལ་ 

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ཆ་འཇོག་འབད་ཡི།


གསུམ་པ

གནས་རིགས་སབ་དེབ་༢༠༡༨ཅན་མ།
འབྲུག་རྒྱལ་ཁབ་ཀྱི་ ཐུན་མོང་མ་ཡིན་པའི་ལམ་སྲོལ་ གནས་རྩ་ཅན་ སྲོལ་རྒྱུན་ས་ཁོངས་དང་ ཡ་མཚན་ཆེ་བའི་ ས་ཆ་ཚུ་གིས་ ས་ཁྲ་དང་བརྟག་ཞིབ་ལྡན་པའི་ཐོ་ཚུ་མེད་པའི་ཁར་ དེང་སང་དུས་ཀྱི་ཕོ་བསྒྱུར་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་འབད་འགྱོ་མི་ལས་བརྟེན་ གནས་དེ་ཚུ་ཉེན་ཁ་བྱུང་སྟེ་ཡོད།
རྒྱུ་མཚན་དེ་ལས་བརྟན་ རྫོང་ཁག་༢༠ཆ་ཉམས་ནང་ གནས་རྩ་ཅན་ཡོད་རིགས་ཡོད་ཚད་ཀྱི་ སབ་ཁྲ་ཁ་གསལ་ཚུ་ ས་ཆ་རིགས་པའི་བརྡ་དོན་གནས་སྡུད་ཀྱི་གཞི་རྟེན་གི་ཆ་ཤས་འབད་ དེང་སང་གི་འཕྲུལ་ཆས་ཚུ་ལག་ལེན་འཐབ་ཐོག་ བསྡུ་སྒྲིག་འབད་ཡོདཔ་ཨིན། དེ་གིས་གྲོས་ཆོད་བཏོན་ནའི་བྱ་རིམ་ལུ་ཡང་ཕན།


བཞི་པ།

ཁང་ཚན་སྤོ་སོར་ལམ་སྟོན་ སྤྱི་ལོ་༢༠༡༨ཅན་མ།
ད་ཚུན་ ཁྲོམ་ཚོགས་ཀྱི་ས་ཁོངས་མང་ཤོས་གཅིག་ནང་ ཁང་ཚན་སྤོ་སོར་གི་ བྱ་རིམ་ཚུ་དེང་སང་ ཕྲུལ་རིགས་ཀྱི་ཐོགས་ལས་ ཐབས་ཏེ་ཡོད། ད་རེས་ནངས་པ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཁྲོམ་གྱི་ས་ཁོངས་རྒྱ་སྐྱེད་འགྱོ་བའི་ཁར་ ས་ཆའི་གནས་གོང་ཡང་མགྱོགས་དྲགས་སྦེ་ ཡར་འཛེག་དོ་ཡོདཔ་དང་ ཁང་ཚན་ཉོ་བཙོང་གི་གྱངས་ཁ་ཡང་ ལོ་བསྟ་ཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན། དེ་འབདཝ་ལས་ ཁང་ཚན་སྤོ་སོར་བྱ་རིམ་ཚུ་ འཇོན་དྲགས་ཅན་ཅིག་འབད་བདག་སྐྱོང་འཐབ་ནི་དང་ ཁང་ཚན་བདག་དབང་དང་ཆ་མཐུན་པའི་ ས་ཆའི་ཐོབ་དབང་ཚུ་རྩིས་རིག་ཐབས་གཞི་ཐོག་ལས་བཏོན་ཐབས་ལུ་ ཁ་ཚན་སྤོ་སོར་གྱི་ལམ་སྟོན་ སྤྱི་ལོ་༢༠༡༨ཅན་མ་འདི་ གསར་བརྩམ་འབད་ཡོདཔ་ཨིན།

ལྔ་པ།

ས་ཆའི་ཉོགས་བསལ་ལམ་སྟོན་ སྤྱི་ལོ་༢༠༡༨ ཅན་མ།
སའི་བཅའ་ཁྲིམས་ སྤྱི་ལོ་༢༠༠༧ ཅན་མའི་ཧེ་མ་ ས་དང་འབྲེལ་བའི་རྩོད་རྙོག་ཚུ་ དྲང་ཁྲིམས་ལྷན་སྡེ་གིས་ གྲལ་གཏོགས་འབད་དེ་བསལ་ཡོདཔ་ཨིན་རུང་ དབང་ཚད་ཁྱབ་ཁོངས་ཀྱི་གནད་དོན་མང་རབ་ཅིག་ལས་བརྟེན་ ས་དང་འབྲེལ་བའི་རྩོད་རྙོག་མ་འདྲཝ་ཚུ་དང་ལཱ་འགན་ཚུ་ སོ་སོར་ཕྱེ་མ་ཚུགསཔ་ལས་ སའི་བཅའ་ཁྲིམས་བཟོ་བའི་ཤུལ་ དྲང་ཁྲིམས་ལྷན་སྡེ་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་གཉིས་ཀྱི་བར་ན་ མཉམ་འབྲེལ་ཞལ་འཛོམས་གནང་ཞིནམ་ལས་ སའི་བཅའ་ཁྲིམས་ཀྱི་གོང་དོན་ཚུ་དང་ ཆེ་མཐོའི་དྲང་ཁྲིམས་ལྷན་སྡེ་གི་ བཀའ་རྒྱ་ཚུ་ ལག་ལེན་འཐབ་སྟེ་ ས་ཆ་དང་འབྲལ་བའི་རྩོད་རྙོག་ཚུ་ མགྱོགས་དྲགས་འབད་བསལ་ནིའི་དོན་ལུ་ ས་ཆའི་ཉོགས་བསལ་ལམ་སྟོན་ སྤྱི་ལོ་༢༠༡༨ཅན་མ་དེ་གཞི་བཙུགས་འབད་ཡོདཔ་ཨིན།

དྲུག་པ།

ས་ཆ་གླར་སྤྱོད་བཅའ་ཡིག་དང་སྒྲིག་གཞི་ སྤྱི་ལོ་༢༠༡༨་ཅན་མ།
སྤྱི་ལོ་༢༠༠༩ ཅན་མའི་ ས་ཆ་གླར་སྤྱོད་བཅའ་ཡིག་དང་སྒྲིག་གཞི་ནང་ལུ་གལ་ཅན་གྱི་གནོད་དོན་ ལེ་ཤ་ཅིག་རང་མ་ཚུགས་པའི་ཁར་ ལག་ལེན་ལྟར་སྤྱོད་ཀྱི་ གདོང་ལེན་ཡང་བྱུང་ཡོདཔ་ཨིན། བཅའ་ཡིག་དང་སྒྲིག་གཞི་དེ་གིས་ གལ་ཅན་གྱི་མི་སྡེ་དཔལ་འབྱོར་གྱི་གནོད་དོན་མང་རབ་ཅིག་རང་ དོང་ལེན་འབད་མ་ཚུགས་པའི་གྲལ་ལས་ གཞི་བའི་མི་སྡེ་ལས་ཚོགས་དང་འབྲེལ་བའི་ གལ་གནད་ཅན་གྱི་གནད་དོན་དང་གནས་སྟངས་ཚུ་མ་ཚུགས་པས། དཔེར་ན་ མི་ངོམ་གཅིག་ལུ་ བཟའ་སྤྱོད་འབད་བཏུབ་པའི་ ཁྲམ་བཀོད་གྲུབ་པའི་ས་ཆ་ཅིག་ཡོད་ན་ ས་གནས་དེ་ཁར་ མི་ངོམ་དེ་ལུ་ རྒྱལ་ཁམས་ཀྱི་ས་ཆ་གླར་སྤྱོད་ཁར་ ཐོབ་དབང་མེདཔ་མ་ཚད་ གླར་སྤྱོད་གྱི་གདམ་ཁ་དེ་ཡང་ སྡེ་ཚན་ཡང་ན་ ལས་འཛིན་ཚུ་ལུ་བྱིན་དགོ། བཅའ་ཡིག་དང་སྒྲིག་གཞི་དེ་གིས་ གླར་སྤྱོད་དང་འབྲལ་བའི་ ལཱ་འགན་དང་ ངོས་ལེན་བྱ་རིམ དེ་ལས་དབང་ཆ་ཚུ་ཡར་དྲག་བཟོ་ནི་ལུ་ལྷན་ཐབས་འབདཝ་ཨིན།

བདུན་པ།

ཡོངས་འབྲེལ་ཐོག་ས་ཁྲལ་བཏབ་ནིའི་རིམ་ལུགས།་ BOLTS

ཡོངས་འབྲེལ་གྱི་རིམ་ལུགས་དེ་ གཞི་བཙུགས་འབད་དགོ་མི་དེ་ཡང་ ས་ཁྲལ་སྡུ་ལེན་དང་ བདག་སྐྱོང་
གཉིས་ ཡར་དྲག་བཏང་་ཐབས་དང་ སྤྱིར་བཏང་ རྒྱལ་ཁབ་ཀྱི་ས་ཁྲལ་ལམ་ལུགས་ཚུ་འཛིན་སྐྱོང་ཐབས་ནིའི་དོན་ལུ་ཨིན། 

རིམ་ལུགས་དེ་ གློག་རིག་ཡོངས་འབྲེལ་འཆར་འགོ་ https://bolts.nlcs.gov.bt:
ཐོག་ལས་ལག་ལེན་འཐབ་ཚུགས།

༡༽རིམ་ལུགས་ནང་འཛུལ་དགོ།

༢༽མི་ངོ་རང་རྐྱང་གི་ འཕྲུལ་རྟ་གུ་ཨེབ་དགོ། མི་ཁུངས་ངོ་སྤྲོད་ལག་ཁྱེར་གང་རུང་ཅིག་བཙུགས་པའི་

ཤུལ་ དེ་ནང་ཁྲམ་མཁོད་གྲུབ་པའི་ས་ཆ་ཀྱི་ཁ་གསལ་ སྟོན་འོང་།

༤༽ རང་གི་རྩིས་ཁྲ་ཡོད་པའི་ དངུལ་ཁང་གཅིག་གདམ་ཁ་རྐྱབ་སྟེ་ རྩིས་ཁྲ་ཨང་ཙུགས་དགོ། དེ་ལས་ 

ཐོ་བཀོད་ཡོད་མི་འགྲུལ་འཕྲིན་ནང་ལུ་ ཐེངས་གཅིག་ལག་ལེན་འཐབ་བཏུབ་པའི་ གསང་ཡིག་གཅིག་ 

འཐོབ་འོང་།

༥༽ གསང་ཡིག་དེ་ ལག་ལེན་འཐབ་སྟེ་ ས་ཁྲལ་བྱ་རིམ་གྱི་ཡིག་ཐོ་ཚུ ཤུལ་ལས་ལག་ལེན་གྱི་དོན་ལུ་ 

ཡོངས་འབྲེལ་རིམ་ལུགས་ནང་ལུ་ ལུས་འོང་།

བརྒྱད་པ།

གྲོང་སྡེའི་ ས་ཆ་སྤྲོད་ལེན་གྱི་ ཡོངས་འབྲལ་འཆར་སྒོ།
ལོ་ངོ་༢་དང་ཕྱེད་ཀྱི་རིང་ལུ་ ཁྲོམ་སྡེའི་ ས་ཆ་སྤྲོད་ལེན་རིམ་ལུགས་དེ་ལག་ལེན་འཐབ་དེ་ཡོདཔ་དང་ དེ་གིས་ཁྲོམ་ཚོགས་ཀྱི་ས་ཁོངས་དང་ སྡེ་རིམ་ ཀ་པའི་ ཁྲོམ་སྡེ་ཚུ་ནང་ ཁང་ཚན་དང་ ས་ཆ་ཉོ་རྩོང་གི་བྱ་རིམ་ཚུ་ ཡོངས་འབྲལ་ཐོག་ འཐབ་ཡོདཔ་མ་ཚད།
ད་ལ་ཕར་ གྲོང་སྡེའི་ ས་ཆ་སྤྲོད་ལེན་རིམ་ལུགས་དེ་གི་ཡང་ ཁྲོམ་སྡེ་དང་གཅིག་མཚུངས་སྦེ་ ས་ཆ་སྤོ་

སོར་གྱི་བྱ་རིམ་ཚུ་ ཡོངས་འབྲེལ་ཐོག་ལས་འཐབ་ཚུགས།

རིམ་ལུགས་འདི་ཚུ་ ཡོངས་འབྲེལ་འཆར་སྒོ་་https://eskor.nlcs.gov.bt

ཐོག་ལས་ལག་ལེན་འཐབ་ཚུགས།

  
མཇུག་རང་།

ཡོངས་འབྲེལ་རིམ་ལུགས་ My NLCS

ཡོངས་འབྲེལ་རིམ་ལུགས་ MyNLCS ཟེར་ གཞི་བཙུགས་འབད་དགོ་མི་དེ་ཡང་ སྤྱིར་བཏང་ མི་སེར་གྱི་

ཞབས་ཏོགས་ཡར་དྲགས་བཏང་ཐབས་དང་ བརྡ་དོན་སྤྲོད་ལེན་ཚུ་་མགྱོགས་དྲགས་བཟོ་ཐབས་ དེ་ལས་ ཡིག་

ཆ་ཚུ་ཚུལ་མཐུན་གྱི་ཐོག་ལས་ འཛིན་སྐྱོང་ཐབས་ནིའི་དོན་ལུ་ཨིན།

རིམ་ལུགས་འདི་ཚུ་ ཡོངས་འབྲེལ་འཆར་སྒོ་་www.nlcs.gov.bt ཐོག་ལས་ལག་ལེན་འཐབ་ཚུགས།


ཁ་གསལ་གི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༥༢༡ ཐོག་ལས་འབྲེལ་བ་འཐབ་གནང།
བཀྲིན་ཆེ།





Comments

Popular posts from this blog

Kabney (ceremonial scarves) in Bhutan

  Kabney:  tradition of wearing ceremonial scarves in Bhutan  Introduction   The origin of  Kabney  dates back to the time of Lord Buddha and also the 7 th  Century saint  Padma Sambhava  was said to have given the white scarves to be worn by commoners during all the religious ceremonies.  The distinction and creation of  Kabneys  for cabinet,  nyikelm  and  Gups  were made during the great rein of Zhabdrung Ngawang Namgyel in the 16 th  Century when he unified and founded the of Nation state in Bhutan.  Further with an establishment of Monarchy in the 20 th  Century, the various scarves for cabinet minister and their deputies ( བློན་པོ་ལྷན་རྒྱས་ གོང་འོག ),  Nyikelms  ( གཉིས་སྐལམ ) ,  Chip   Zhem  ( ཆིབས་བཞོནམ  traditional title for the lowest ranked officer ) and  Rabjams ( རབ་འབྱམས )  were introduced as post-based scarves.  With an onset of 21 st...

The Ritual of Mandala Offering

    The Ritual of Mandala Offering       Mandala offering symbolizes an offering of the entire universe  and other priceless objects   present within it  to the Buddhas in order to accrue merit.  Manda  means the essence or midpoint and circumference and  la  means “taking hold of”. Thus,  mandala  refers to grasping the basis or essence for achieving all the magnificent qualities of the higher realms and the kingdom of Dharma, the sacred truths of cessation and the path.         As per the Buddhist cosmology, the earth is considered flat with a giant mountain, Mount Meru in the middle, bordered by four major continents, each with two main and several minor sub-continents. There are incalculable of similar realms and we visualize offering all these worlds considering them as unpolluted lands and offered to the Buddhas and great enlightened beings.      I would briefly explain t...

Enabling Women, Bhutan’s Silent Towers of strength.

Women can really make good set of leaders in Bhutan and a strong foundation for nation building if given an opportunity. It’s an old concept “women’s best place is in the kitchen” in this day and age. It is prerequisite in the democratic society to have balanced representation of voices irrespective of gender. When the world today is placing huge importance on the third gender, why not, at least for our women first. As of now Bhutan has a woman Minister, constitutional post holders, Ambassadors, Dzongdhas (District Governor), Drangpoens (Judges/Justice), Politicians, Nyikem (red scarf) recipients, Local Leaders ( Gups, Mangmis and Tshogpas ), Doctors, Engineers, Pilot, Army officers, Teachers, Authors, Painters, Cabbies and so on so forth. In a way, the women leadership is likely to outnumber henceforth. Though as a man, I personally feel the importance of woman’s voice in every nation building and policy decisions for better, sound and healthy democracy. The tiny Kingdom o...